你的位置:首页 > 新闻动态 > 新闻动态

包虫病防治知识系列(一)

2020/10/16 9:43:25      点击:

包虫病防治知识系列(一)ཚན་རིག་ཁྱབ་བརྡ། ཐུམ་འབུའི་ནད་འགོག་བཅོས་ཤེས་བྱ།

1.什么是包虫病?.ཅི་ཞིག་ལ་ཐུམ་འབུའི་ནད་ཟེར། 

包虫病是人体感染棘球绦虫的幼虫而导致的人畜共患寄生虫病。ཐུམ་འབུའི་ནད་ནི་མིའི་ལུས་སྟེང་དུ་ཚེར་ཟླུམ་འགོས་པའི་འབུ་ཕྲུག་གིས་བསྐྱེད་པའི་མི་ཕྱུགས་གཉིས་ཀར་གཞན་བརྟེན་སྲིན་འབུའི་ནད་ཅིག་རེད། 

寄生人体的部位以肝脏最多,约占病例的70%,肺脏占20%,其他部位10%མིའི་ལུས་པོའི་གཞན་བརྟེན་བྱེད་སའི་གནས་ནི་མཆིན་པ་ཆེས་མང་ཞིང་།ཕལ་ཆེར་ནད་པའི་70%དང་།གློ་བའི་ནང་དུ་20%དེ་མིན་གྱི་གནས་10%བཅས་ཟིན་གྱི་ཡོད། 

患病早期可没有任何感觉和症状,如不及时治疗会错过最佳治疗机会,最终对身体造成严重危害,甚至威胁生命。ནད་བྱུང་མ་ཐག་ཏུ་ཚོར་བ་དང་ནད་རྟགས་ཅི་ཡང་མེད།གལ་ཏེ་དུས་ལྟར་གསོ་བཅོས་མ་བྱས་ན་སྨན་བཅོས་ཀྱི་གོ་སྐབས་ཆེས་བཟང་བོ་ཤོར་ཏེ།མཇུག་མཐར་ལུས་ཕུང་ལ་གནོད་འཚེ་ཚབས་ཆེན་བཟོ་བ་མ་ཟད།ཐ་ན་ཚེ་སྲོག་ལའང་ཉེན་ཁ་ཡོད། 

 

2. 包虫病是如何传染的?ཐུམ་འབུའི་ནད་ནི་ཇི་ལྟར་འགོས་སམ། 

狗是包虫病的主要传染源,成虫寄生在狗、狼及狐狸的肠道内,虫卵随粪便排出,污染土壤、草地、水源。

ཁྱི་ནི་ཐུམ་འབུའི་ནད་ཀྱི་འབྱུང་ཁུངས་གཙོ་བོ་དེ་ཡིན་ཞིང་།ཁྱི་དང་།སྤྱང་ཀི།ཝ་བཅས་ཀྱི་རྒྱུ་མའི་ནང་འཚོ་སྡོད་བྱེད་ཀྱི་ཡོད།འབུ་སྒོང་གཅིན་སྐྱག་དང་མཉམ་དུ་ཕྱིར་འབུད་བྱེད་ཀྱི་ཡོད་པས་ས་རྒྱུ་དང་།རྩྭ་ཐང་།ཆུ་འགོ་བཅས་ལ་སྦགས་བཙོག་བཟོ་གི་ཡོད། 

人接触了被虫卵污染的土壤、草地及物品,食用污染的食物和水,不注意个人卫生就会得包虫病。因此,人感染包虫病主要与环境卫生及不良饮食习惯有关。

མིས་འབུ་སྒོང་གིས་འབག་བཙོག་ཐེབས་པའི་ས་རྒྱུ་དང་རྩྭ་ཐང་།དངོས་ཟོག་བཅས་དང་།འབག་བཙོག་ཐེབས་པའི་ཟས་རིགས་དང་ཆུ་སོགས་ལ་རེག་ཚེ།མི་སྒེར་གྱི་འཕྲོད་བསྟེན་ལ་དོ་སྣང་མ་བྱས་ན་ཐུམ་འབུའི་ནད་ཕོག་སྲིད། དེར་བརྟེན་མི་ལ་ཐུམ་འབུའི་ནད་འགོས་པ་དེ་གཙོ་བོ་ཁོར་ཡུག་འཕྲོད་བསྟེན་དང་བཟའ་འཐུང་མི་ལེགས་པ་དང་འབྲེལ་བ་ཡོད། 

 

3. 如何预防包虫病?ཐུམ་འབུའི་ནད་ཇི་ལྟར་སྔོན་འགོག་བྱེད་དགོས། 

1)加强饮食卫生和个人卫生:不玩狗、勤洗手、不吃生食和生肉、不喝生水;བཟའ་བཏུང་འཕྲོད་བསྟེན་དང་མི་སྒེར་གྱི་གཙང་སྦྲར་ཤུགས་སྣོན་དགོས།ཁྱི་མི་རྩེད་པ།ལག་པ་མི་འཁྲུད་པ།ཟས་རློན་མི་ཟ་བ།ཤ་རློན་མི་ཟ་བ།ཆུ་མི་འཐུང་བ་བཅས་བྱེད་དགོས།

2)接触狗、狼及狐狸后,饭前、便后一定要用肥皂和清洁水洗手;ཁྱི་དང་སྤྱང་ཀི།ཝ་མོ་སོགས་ལ་ཐུག་རྗེས།ཟ་མ་མ་ཟོས་གོང་དང་གཅིན་སྐྱག་བཏང་རྗེས་ངེས་པར་དུ་འདག་ཆལ་དང་ཆུ་ཡིས་ལག་པ་བཀྲུ་དགོས།

3) 患病牛羊的肝、肺等内脏必须采用集中焚烧、挖坑深埋等方法进行处理,切忌喂狗;ནད་ཕོག་པའི་ནོར་ལུག་གི་མཆིན་པ་དང་གློ་བ་སོགས་ནང་ཁྲོལ་ངེས་པར་དུ་གཅིག་བསྡུས་ཀྱིས་མེར་སྲེག་དང་ས་དོང་བརྐོས་ནས་ས་འོག་ཏུ་སྦས་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཐག་གཅོད་བྱེད་དགོས་པ་ལས།ཁྱི་ལ་གཏན་ནས་གསོ་མི་རུང་།

4)每月定期给狗驱虫, 对狗驱虫后5天内的粪便进行深埋或焚烧等处理,防止污染环境;ཟླ་རེར་དུས་བཅད་ལྟར་ཁྱི་ལ་འབུ་འདེད་དགོས་པ་དང་།ཁྱིས་འབུ་འདེད་རྗེས་ཀྱི་ཉིན་ལྔའི་ནང་གི་གཅིན་སྐྱག་ས་འོག་ཏུ་ཟབ་འཇུག་དང་མེར་སྲེག་སོགས་བཏང་ནས་ཁོར་ཡུག་ལ་སྦགས་བཙོག ་མི་བཟོ་བ་བྱེད་དགོས།

4.包虫病的危害有哪些?ཐུམ་འབུའི་ནད་ཀྱི་གནོད་འཚེ་གང་དག་ཡོད། 

 

1)局部压迫和刺激症状:棘球蚴不断生长,对寄生的器官及邻近组织器官产生挤压,引起组织器官功能受损,局部出现疼痛和胀满感,如寄生在肝脏可出现肝区胀痛不适,晚期泡型包虫病病人可能会出现黄疸、上腹部疼痛、腹水症状;寄生在肺部可有呼吸急促、咳嗽、咳痰、胸痛及咯血等呼吸道症状;累及颅脑可引起癫痫及头痛、呕吐等颅内压升高症状;寄生于骨胳易造成骨折。ལུས་པོའི་ཁག་ལ་བཙན་གནོན་དང་ངར་སྐུལ་གྱི་ནད་རྟགས།ཚེར་ཟླུམ་འབུ་ཕྲུག་མུ་མཐུད་དུ་སྐྱེས་ཤིང་།གཞན་བརྟེན་གྱི་དབང་པོ་དང་ཉེ་འཁོར་གྱི་ཕུང་གྲུབ་དབང་བོར་བཙིར་གནོན་བྱས་ན།ཕུང་གྲུབ་དབང་བོའི་བྱེད་ནུས་ལ་གནོད་སྐྱོན་ཐེབས་པ་དང་།ལུས་པོའི་ཁག་ལ་ན་ཟུག་དང་སྦོས་པའི་ཚོར་བ་འབྱུང་།གལ་ཏེ་མཆིན་པ་ཁུལ་དུ་གཞན་བརྟེན་བྱས་ན་སྦོས་གཟེར་མི་བདེ་བ་དང་།དུས་མཇུག་གི་ལྦུ་བའི་རིགས་ཀྱི་ཐུམ་འབུའི་ནད་པར་མཁྲིས་སེར་དང་གསུས་པའི་སྟེང་ན་བ།གསུས་པའི་ཆུ་བཅས་ཀྱི་ནད་རྟགས་འབྱུང་སྲིད། གློ་བའི་ནང་དུ་གཞན་བརྟེན་བྱས་ན་འབྱིན་རྔུབ་མགྱོགས་པ་དང་།གློ་ལུ་བ།ལུད་པ་ལུ་བ།བྲང་ཁ་ན་བ་དང་ཁྲག་ལུ་བ་སོགས་དབུགས་ལམ་གྱི་ནད་རྟགས་འབྱུང་། ཀླད་ཁྱིམ་དུ་བརྒྱལ་གཟེར་དང་མགོ་ན་བ།སྐྱུག་པ་སོགས་མགོའི་ནང་གནོན་ཤུགས་ཇེ་མཐོར་འགྲོ་བའི་ནད་རྟགས་འབྱུང་། རུས་གདན་ལ་བརྟེན་ནས་རུས་པ་ཆག་སླ།

2)全身中毒症状:包括食欲减退、疲乏无力、贫血、体重减轻、消瘦、发育障碍等,晚期患者可出现恶病质现象。ལུས་ཡོངས་ཀྱི་དུག་ཕོག་པའི་རྟགས་ནི།ཟས་ཀྱི་ཡི་ག་ཉམས་པ་དང་།ལུས་ཤུགས་ཟད་པ།ཟུངས་ཁྲག་ཞན་པ།ལུས་པོའི་ལྗིད་ཚད་ཇེ་ཡང་དུ་འགྲོ་བ།ཤ་སྐམ་པ།འཚར་སྐྱེ་མི་བདེ་བ་སོགས་ཀྱི་ནད་རྟགས་ཡོད།

3)过敏症状:人感染包虫病后,常因少量抗原的吸收而致敏,常见荨麻疹、哮喘、嗜酸性粒细胞增多、血管神经性水肿等过敏症状,如囊肿穿破或手术时囊液溢出可致皮疹、发热、气急、腹痛、腹泻、昏厥、谵妄、昏迷等过敏反应,囊液大量进入血循环常可出现严重的过敏性休克,甚至突然死亡。

 

ཚོར་ཐལ་ནད་རྟགས། མི་ལ་ཐུམ་འབུའི་ནད་ཕོག་རྗེས། དུས་རྒྱུན་དུ་གདོད་འགོག་ཉུང་ཙམ་བསྡུ་ལེན་བྱས་པར་བརྟེན་ནས་ཚོར་བ་སྐྱེན་པོ་ཡོང་གི་ཡོད། རྒྱུན་མཐོང་གི་ཟྭ་འབྲུམ།ཧར་འཚང་།སྐྱུར་ཞེན་རྡོག་ཕྲ་ཕུང་མང་དུ་འགྲོ་བ།ཁྲག་རྩའི་དབང་རྩ་རང་བཞིན་གྱི་ཆུ་སྐྲངས་སོགས་ཚོར་ཐལ་ནད་རྟགས་འབྱུང་།དཔེར་ན།ཐུམ་ཐོར་རྟོལ་བའམ་གཤགས་བཅོས་བྱེད་སྐབས་སྣོད་ཁུ་ཕྱིར་བུད་ན་པགས་འབྲུམ་དང་།ཚ་རྒྱས་པ།རླུང་འཚབ་པ།ཕོ་བ་ན་བ།ཁོག་པ་བཤལ་བ།དྲན་པ་འཐོར་བ་སོགས་ཚོར་ཐལ་འགྱུར་འབྱུང་འབྱུང་།སྣོད་གཤེར་མང་པོ་ཁྲག་གི་འཁོར་སྐྱོད་ཁྲོད་དུ་སོང་ན་ཚོར་ཐལ་རང་བཞིན་གྱི་དྲན་པ་ཐོར་བའམ་ཐ་ན་གློ་བུར་དུ་ཤི་འགྲོ།

 

4)局部包块:肝和腹腔包虫病常可触及大小不等的包块,表面光滑,境界清楚。寄生于肺部、脑及其他部位均有局部占位性病变。ཆ་ཤས་ཤིག་གི་ཐུམ།མཆིན་པ་དང་གསུས་ཁོག་གི་ཐུམ་འབུའི་ནད་རྒྱུན་པར་ཆེ་ཆུང་མི་འདྲ་བའི་ཐུམ་བུར་རེག་ནས་ཕྱི་ངོས་འཇམ་པོ་དང་ཁྱབ་ཁོངས་གསལ་པོ་ཡིན། གློ་བ་དང་ཀླད་པ།གཞན་པའི་ལུས་པོའི་ཁག་ཚང་མར་གནས་བཟུང་རང་བཞིན་གྱི་ནད་འགྱུར་ཡོད།

 

供稿:心胸血管外科    马彦华

注:文中图片来源于网络,如有侵权请联系删除